top of page

The brief ten great daily prayers of Bodhisattvas

༄༅༅༎ བྱང་ཆུབ་སེམས་དཔའི་སྨོན་ལམ་ཆེན་པོ་བཅུའི་རྒྱུན་ཁྱེར་བསྡུས་པ་
ཀུན་ཏུ་བཟང་པོའི་སྤྱོད་པའི་རྒྱན་ཞེས་བྱ་བ།
The brief ten great daily prayers of Bodhisattvas called the ornament of universal goodness.

དགེ་བ་འདི་ཡིས་ཚེ་རབས་ཐམས་ཅད་དུ། །བདག་གིས་གྲངས་མེད་རྒྱལ་བ་སྲས་དང་བཅས། །མཆོད་པ་ཀུན་གྱིས་མཆོད་ཅིང་དེ་དག་གི །ཟབ་རྒྱས་དམ་པའི་ཆོས་ཀུན་འཛིན་གྱུར་ཅིག །
By this virtue may I offer all the Buddhas and Buddhistvas by all the means of offerings, and may this be the cause to protect and hold their profound and vast teachings.

འགྲོ་བའི་ཁམས་དང་མོས་པ་ཇི་ལྟ་བུར། །ལུས་ཀྱི་རྣམ་པ་དཔག་ཏུ་མེད་སྟོན་ཅིང་། །ཕྱོགས་བཅུ་ག་ལའི་ཞིང་གི་སངས་རྒྱས་ཀྱི། །ཞིང་ཁམས་རྒྱ་མཚོར་ཏིང་ངེ་འཛིན་གྱིས་འཇུག །
May I enter all the Buddha fields by Samadhi (meditative stabilization), and access the limitless manifestation forms by the variety of mental inclinations and dispositions or interests.

སྦྱིན་དང་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་དང་། །བསམ་གཏན་ཤེས་རབ་ཐབས་དང་སྟོབས་ཀྱི་ཚོགས། །སྨོན་ལམ་ཡེ་ཤེས་རྒྱ་མཚོའི་མཐར་བདག་ཕྱིན་ཏེ། ། མཁའ་ཁྱབ་འགྲོ་རྣམས་སྨིན་ཅིང་གྲོལ་བར་ཤོག །
May I accomplish the ocean of prayers, generosity, discipline, patience, diligence, Samadhi, and wisdom. And may I ripen and liberate the mind of the beings as infinite as the space.

གང་དང་གང་དུ་མངོན་སངས་རྒྱས་སྟོན་པའི། །ཞིང་རྣམས་བདེ་བ་ཅན་ལྟར་རབ་སྦྱངས་ཤིང་།།
འཇམ་དབྱངས་བྱམས་པ་སྤྱན་རས་གཟིགས་སོགས་ཀྱི། །སྤྱོད་པ་ཇི་ལྟ་དེ་ལྟར་བདག་གིས་སྤྱད།།
May I purify the fields wherever I shall attain enlightenment like pure-land (Sukhavati, land of happiness), and may I practice Bodhisattva deeds as Bodhisattva Manjushri, Maitreya, Avaloketeshvara.

ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་ཀུན། །རྫོགས་སྨིན་སྦྱངས་པའི་དོན་རབ་མཆོག་ལྡན་ཞིང་།། སྲིད་དང་ཞི་བའི་མཐའ་ལ་མི་གནས་པའི། །རྫོགས་པའི་བྱང་ཆུབ་ཆེན་པོ་མངོན་གྱུར་ཤོག །
May I purify and ripen completely the actions of body speech mind, and may I attain Buddhahood which is not clinging to the extreme of Samsara (cyclic existence ) & and Nirvana (cessation from afflictive emotions and karma.)

ཅེས་པ་འདི་ཡང་ཇི་སྐད་དུ། སངས་རྒྱས་མཆོད་དང་དམ་ཆོས་འཛིན། །ལུས་ཀུན་སྟོན་དང་ཞིང་ཀུན་འཇུག། ཕར་ཕྱིན་རྫོགས་དང་སེམས་ཅན་སྨིན།། ཞིང་སྦྱང་སྤྱོད་ཡུལ་མཐུན་པར་གནས༎ སྤྱོད་ཀུན་དོན་ཡོད་བྱང་ཆེན་ཐོབ།། བྱང་སེམས་སྨོན་ལམ་ཆེན་པོ་བཅུའོ་ཞེས་གསུངས་པ་ལྟར། བྱང་ཆུབ་སེམས་དཔའི་སྨོན་ལམ་རྒྱ་མཚོ་ལྟ་བུའི་དོན་བསྡུས་པ་སྨོན་ལམ་ཆེན་པོ་བཅུའི་རྒྱུན་ཁྱེར་བསྡུས་པ་འདི་ནི། ཕྱི་ལོ་༢༠༡༤ཟླ་༨ཚེས་༣༡ཉིན། ཡེ་ཤེས་སྡེ་ནང་པའི་རིག་གཞུང་ཚོགས་པའི་སྟོན་འཁོར་རྣམས་ཀྱིས་འཕགས་མ་དབྱངས་ཅན་མའི་དཀྱིལ་འཁོར་གྱི་ཞལ་ཕྱེས་ཤིང་། ཕྱི་དྲོའི་ཆ་ལ་བྱང་ཆུབ་སེམས་དཔའི་སྨོན་ལམ་ཆེན་པོ་བཅུའི་ཆོས་ཁྲིད་གྲུབ་མཚམས། ཆོས་ཁྲི་དེ་ཀའི་སྟེང་མང་དུ་ཐོས་པའི་སློབ་དཔོན་སྣ་ཚོགས་གཟུགས་ཅན་གྱིས་ཤར་མར་སྦྱར་བའི་དགེ་བས། སེམས་བསྐྱེད་པའི་རང་སློབ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྫོགས་སྨིན་སྦྱང་བ་རྒྱ་མཚོ་མཐར་ཕྱིན་པའི་རྒྱུར་གྱུར་ཅིག་གུ། སརྦ་མངྒ་ལཾ༎
Thus: 1) "devotion to Buddha; 2) holding or protecting Dharma (teachings ); 3) showing or accessing all the necessary manifestations or emanations; 4) entering all the Buddha fields; 5) accomplishing the ten perfections of pearls of wisdom (ten paramitas); 6) purify the fields; 7) ripening the mind of beings; remaining accordingly with the audience; 9) having meaningful actions; 10) attaining the great Nirvana (Buddhahood) are the ten great Bodhisattvas’ prayers", as said; “The brief ten great daily prays of Bodhisattvas called the ornament of universal goodness,” which summarized the ocean of prayers of Bodhisattvas as ten great daily Bodhisattvas' prayers. This was quickly written on the very throne by Lobpon Natsok Zukchen Rinpoche who has studied many Sutras and Tantras in 31,8,2014 when the members of the Yeshede Buddhist Cultural Association with the master opened the Mandala of Goddess Saraswati and finished the explanations of ten great Bodhisattvas’ prayers. May the virtue from this cause the accomplished ocean of completion, ripen, and purify my students, those who are Dhamma brothers and sisters and also who have taken the Bodhisattva vows and generated Bodhicitta.

bottom of page